贵德县人民政府 关于公开征集2023年民生实事建议的公告
为全面贯彻落实以人民为中心的发展思想,更好地倾听民声、集中民智、反映民意、凝聚民心,切实解决群众最关心、最现实的利益问题,真正把群众关切、社会关注的民生实事选准、办实,确保实实在在帮群众解难题、为群众增福祉、让群众享公平,县政府决定面向社会各界公开征集2023年度民生实事意见和建议。现将有关事项公告如下:
一、征集时间:自公告之日起,至2022年11月8日。
二、征集内容:围绕“幼有所育、学有所教、劳有所得、病有所医、老有所养、住有所居、弱有所扶”,聚焦教育文化、医疗卫生、就业创业、健康养老、便民服务、住房保障、交通出行、城乡建设、社会治理、环境保护、济困救助等重点领域,以及民生领域短板弱项、群众反映强烈的突出问题,广泛征集涉及群众切身利益、贴合实际、覆盖面较广、具有可操作性的意见建议。
三、征集方式:
(一)电子邮件形式。请将意见建议发送至邮箱:gdxzhf@126.com,邮件主题请注明“2023年贵德县民生实事建议”。
(二)电话形式。请拨打0974—8553163直接提出2023年贵德县民生实事建议。
(三)书信形式。请将信件邮寄至贵德县人民政府办公室(地址:贵德县河阴镇迎宾东路89号,邮编:811799),信件封面请写明“2023年贵德县民生实事建议”。
希望全县社会各界人士和广大群众踊跃参与,积极建言献策,提出具有一定可行性的建议。我们将坚持全局性、普惠性、可行性原则,及时汇总梳理,积极吸收采纳,把群众呼声和需求作为2023年重点民生实事筛选论证的重要依据,根据轻重缓急,重点选取群众反映最强烈、最迫切,以及对全县经济社会发展具有较大影响的事项,努力让大多数群众受惠受益,凝心聚力推动贵德民生事业发展再上新台阶。
附件:贵德县2023年重点民生实事项目征集表
贵德县人民政府
2022年10月24日
ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་།
2023ལོའི་དམངས་འཚོའི་དོན་དངོས་གྲོས་གཞི་ཡོངས་བསྒྲགས་སུ་རྩོམ་བསྡུ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་།སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་བྱ་བ་དངོས་གནད་ལ་འཁེལ་བར་གདམ་པ་དང་།དམངས་ཀྱི་འདོད་བློ་མཚོན་པ།དམངས་སེམས་གཅིག་སྒྲིལ་བཅས་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་།མང་ཚོགས་ལ་བདེ་སྐྱིད་སྐྲུན་པ།མང་ཚོགས་ལ་དྲང་སྙོམས་ལོངས་སུ་སྤྱོད་ཐུབ་པ་བཅས་བྱེད་ཆེད།རྫོང་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་ཁ་ཕྱོགས་ཏེ་2023ལོའི་དམངས་འཚོའི་དོན་དངོས་གྲོས་གཞི་ཡོངས་བསྒྲགས་སུ་རྩོམ་བསྡུ་བྱ་རྒྱུ་ཡིན་ལ།འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།
གཅིག རྩོམ་བསྡུའི་དུས་ཚོད།སྤྱི་བསྒྲགས་བྱས་པའི་ཉིན་ནས2022ལོའི་ཟླ11ཚེས8ཉིན་བར་ཡིན།
གཉིས། རྩོམ་བསྡུའི་ནང་དོན།“བྱིས་པར་སློབ་གསོ་ཡོད་པ་དང་།སློབ་ཁྲིད་བྱེད་མཁན་ཡོད་པ།ངལ་རྩོལ་ལ་ཐོབ་ཆ་ཡོད་པ།ན་དུས་སྨན་བཅོས་ཐུབ་པ།རྒས་དུས་འཚོ་རྟེན་ཡོད་པ།སྡོད་སའི་ཁང་པ་ཡོད་པ།ཉམས་ཞན་རོགས་སྐྱོར་ཡོད་པ”བཅས་ལ་དམིགས་ནས་སློབ་གསོའི་རིག་གནས་དང་།སྨན་བཅོས་འཕྲོད་བསྟེན།ལས་ཞུགས་གསར་གཏོད།བདེ་ཐང་རྒན་གསོ།དམངས་ཕན་ཞབས་ཞུ།སྡོད་ཁང་འགན་ལེན།གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན།སྤྱི་ཚོགས་བཅོས་སྐྱོང་།ཁོར་ཡུག་སྲུང་སྐྱོང་། དཀའ་ངལ་རོགས་སྐྱོར་སོགས་ཀྱི་ཁྱབ་ཁོངས། ད་དུང་ཞན་ཆ་དང་མི་འདང་པ་དང་། དམངས་ཚོགས་ཀྱིས་ཛ་དྲག་ཏུ་ཚུར་སྣང་བྱེད་པའི་གནས་ཚུལ་བཅས་ཁྱབ་ཆེན་པོའི་སྒོ་ནས་རང་ཉིད་ཀྱི་ཁེ་ཕན་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། དོན་དངོས་དང་མཐུན་པ། ཁེབས་རྒྱ་ཅུང་ཆེ་བ། ཕན་འབྲས་ཐོན་པའི་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་རྩོམ་བསྡུ་བྱ་རྒྱུ།
གསུམ། རྩོམ་བསྡུའི་བྱེད་སྟངས།
(གཅིག)གློག་རྡུལ་སྦྲག་ཡིག་གི་རྣམ་པ།བསམ་འཆར་དང་གྲོས་གཞི་སྦྲག་སྒམ་དུ་བསྐུར་རོགས་གནོངས། gdxzhf @126.comསྦྲག་དངོས་བརྗོད་དོན་གཙོ་བོར“2023ལོའི་ཁྲི་ཀ་རྫོང་གི་དམངས་འཚོའི་བྱ་བ་དངོས་ཀྱི་གྲོས་གཞི”ཞེས་གསལ་པོར་འགོད་དགོས།
(གཉིས)ཁ་པར་གྱི་རྣམ་པ།0974—8553163ལ་ཁ་པར་བརྒྱབ་ནས2023ལོའི་ཁྲི་ཀ་རྫོང་གི་དམངས་འཚོའི་དོན་དངོས་གྲོས་གཞི་ཐད་ཀར་འདོན་རོགས་གནོངས།
(གསུམ།)འཕྲིན་ཡིག་གི་རྣམ་པ།འཕྲིན་ཡིག་དེ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་གཞུང་ལས་ཁང(ས་གནས།ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་མགྲོན་བསུའི་ཤར་ལམ་ཨང89པ་དང་།སྦྲག་ཨང811799)ལ་བསྐུར་རོགས་གནོངས།འཕྲིན་ཡིག་གི་མདུན་ཤོག་ལ“2023ལོའི་ཁྲི་ཀ་རྫོང་གི་དམངས་འཚོའི་བྱ་བ་དངོས་ཀྱི་གྲོས་གཞི”ཞེས་གསལ་པོར་འབྲི་རོགས།
རྫོང་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཆེའི་མང་ཚོགས་རྣམས་མ་སྐུལ་དང་བླངས་སྒོས་ཞུགས་ཏེ།ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ལག་བསྟར་བྱེད་འཐུས་ཀྱི་རང་བཞིན་ངེས་ཅན་ལྡན་པའི་གྲོས་གཞི་འདོན་རྒྱུའི་རེ་བ་ཡོད།ང་ཚོས་ཁྱོན་ཡོངས་རང་བཞིན་དང་།ཀུན་ཕན་རང་བཞིན།ལག་བསྟར་བྱེད་འཐུས་རང་བཞིན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་དུས་ཐོག་ཏུ་ཕྱོགས་བསྡོམས་ལེགས་སྒྲིག་དང་བསྡུ་ལེན་ཧུར་ཐག་བྱས་ཏེ།མང་ཚོགས་ཀྱི་འབོད་སྒྲ་དང་དགོས་མཁོ་དེ2023ལོའི་དམངས་འཚོའི་དོན་དངོས་གཙོ་བོ་གདམ་གསེས་དང་རིགས་པས་ཁུངས་སྐྱེལ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཤིང་།གལ་ཆེ་ཆུང་དང་དགོས་མཁོ་མྱུར་ཚུལ་ལ་གཞིགས་ནས་མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་དང་དགོས་མཁོ་ཆེ་ཤོས་དང་དེ་བཞིན་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་དོན་གནད་གཙོ་བོ་བདམས་ཏེ། ཧུར་ཐག་གིས་མང་ཚོགས་མང་ཆེ་པར་ཕན་པ་ཆེན་པོ་ཐོབ་པར་བྱེད་པ་དང་།སེམས་ནུས་གཅིག་སྒྲིལ་གྱིས་ཁྲི་ཀའི་དམངས་འཚོའི་ལས་དོན་འཕེལ་རྒྱས་སྔར་ལས་ལྷག་པར་སྐས་རྐང་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱ།
ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་།
2022ལོའི་ཟླ10ཚེས24ཉིན།
用户登录
还没有账号?
立即注册